Вход на сайт

Просмотр новости

Найдите то, что Вас интересует

བལ་ཡུལ་དུ་འཚོཊ་རྒྱུའི་བོད་རིག་པའི་རྒྱལ་སྤྱིའི་ཚོཊ་འདུ་དེ་དྲྭ་ཐོག་ཏུ་འཚོཊ་རྒྱུ་གནང་པ།

Дата публикации: 06-08-2026 19:26:15

རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༡༧ པ་ཕྱིར་འཐེན་དགོས་པ་བལ་ཡུལ་གཞུང་གིས་གོ་སྒྲིག་ཚོགས་ཆུང་ལ་བཀོད་ཁྱབ་བཏང་འདུག

Основное содержимое страницы с новостью.

Radio Free Asia Logo

བལ་ཡུལ་དུ་འཚོཊ་རྒྱུའི་བོད་རིག་པའི་རྒྱལ་སྤྱིའི་ཚོཊ་འདུ་དེ་དྲྭ་ཐོག་ཏུ་འཚོཊ་རྒྱུ་གནང་པ།བལ་ཡུལ་གཞུང་གིས་ཀཐ་མཎ་ཌུར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༡༧ པ་ཕྱིར་འཐེན་དགོས་པ་གོ་སྒྲིག་ཚོགས་ཆུང་ལ་བཀོད་ཁྱབ་བཏང་འདུག

གསར་འགོད་པ། པ་སངས་ཚེ་རིང་། དང་། བསྟན་འཛིན་བདེ་སྐྱིད།

2026.08.06

བལ་ཡུལ་དུ་འཚོཊ་རྒྱུའི་བོད་རིག་པའི་རྒྱལ་སྤྱིའི་ཚོཊ་འདུ་དྲྭ་ཐོག་ཏུ་འཚོགས་རྒྱུ་ཡིན་པ་བརྗོད་འདུག

རྒྱལ་སྤྱིའི་བོད་རིག་པའི་ཚོགས་པའི་བར་བརྒལ་ཚོགས་གཙོ་ (Françoise Robin ) ཕྲན་ཀོསི་རོ་བྷིན་ལགས་ཀྱིས་ཟླ་ ༨ ཚེས་ ༨ ཉིན་ཕ་རན་སི་གསར་སྤེལ་ཁང་ལ་གསུངས་དོན་དུ། “ང་ཚོས་ཚོགས་ཆེན་དེ་མུ་མཐུད་དུ་སྤེལ་བཞིན་ཡོད་ཀྱང་། དེ་དྲ་ཐོག་ནས་འཚོགས་རྒྱུ་ཐག་གཅོད་གཏན་ཁེལ་བྱུང་ཡོད་་“ཅེས་བརྗོད་ཅིང་། འོན་ཀྱང་དྲ་ཐོག་ནས་འཚོགས་རྒྱུ་དེ་ཧ་ཅང་འགྱོད་པ་སྐྱེ་དགོས་པ་དང་བློ་ཚབས་བྱེད་དགོས་པའི་འཕེལ་རིམ་ཞིག་རེད་ཅེས་བརྗོད་འདུག།

དེའི་ཁོང་ཉེ་ལམ་བལ་ཡུལ་གཞུང་གིས་ཀཐ་མཎ་ཌུར་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༡༧ པ་ཕྱིར་འཐེན་དགོས་པ་གོ་སྒྲིག་ཚོགས་ཆུང་ལ་བཀོད་ཁྱབ་བཏང་ཡོད་པ་རེད། དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་རིག་པའི་ཚོགས་འདུ་གོ་སྒྲིག་གནང་མཁན་ཀཐ་མཎ་ཌུ་གཙུག་ལག་སློབ་ཆེན་གྱི་འབྲེལ་ཡོད་སྡེ་ཚན་ལ་ཡིག་ཐོག་བཀའ་འདྲི་ཞུས་པར་ཕྱི་ཟླ་ ༨ ཚེས་ ༦ ཉིན་ལན་འདེབས་གནང་པའི་ནང་། ཕྱི་ཟླ་ ༨ ཚེས་ ༢༣ ནས་ ༢༩ བར་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུར་ཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་ ༡༧ པ་འདི་བཞིན་ཕྱིར་འཐེན་བྱ་དགོས་པ་བལ་ཡུལ་གཞུང་ཕྱོགས་ནས་བཀོད་མངགས་བྱུང་པ་ལྟར། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ད་རེས་ཀྱི་ཚོགས་འདུ་དེ་ཚོགས་རྒྱུ་མིན་པ་དང་། ང་ཚོས་བལ་ཡུལ་གཞུང་ཕྱོགས་ནས་གནས་དོན་དེ་དང་འབྲེལ་འི་ཐད་གཞུང་འབྲེལ་གྱི་ཡིག་ཐོག་ནས་བཀོད་ཁྱབ་ཞིག་ཕེབས་པར་ངང་སྒུག་བྱེད་བཞིན་ཡོད་ཅེས་བཀོད་འདུག

འདི་ནི་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་བལ་ཡུལ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ཊང་མའོ་མིང་ (Zhang Maoming) གིས་བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཨམྲིཏ་བྷ་དྷུར་རཡེ་ (Amrit Bahadur Rai) དང་ཐུགས་ཕྲད་ཀྱིས་བལ་ཡུལ་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་བགྲོ་གླེང་ཚོགས་འདུའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྗེས་འཇུག་པ་ཚོས་རྒྱ་ནག་གི་ཁ་གཏད་དང་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གཏམ་གླེང་བྱེད་སྲིད་པར་གཞིགས་ཏེ་གནས་དོན་འདིའི་རིགས་མི་ཡོང་བའི་དོགས་ཟོན་བྱ་དགོས་ཞེས་ཉེན་བརྡ་སྐྱར་ནན་བཏང་པའི་རྗེས་སུ་བྱུང་ཡོད་པ་རེད།

བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཨམྲིཏ་བྷ་དྷུར་རཡེ་དང་རྒྱ་ནག་གི་བལ་ཡུལ་དུ་བཅའ་སྡོད་གཞུང་ཚབ་པ་ཀྲང་མའོ་མིང་།བལ་ཡུལ་གཞུང་གིས་བོད་རིག་པའི་རྒྱལ་སྤྱིའི་ཚོགས་འདུ་འཚོཊ་རྒྱུར་བཀག་འགོག་བྱས་འདུག བལ་ཡུལ་ཕྱི་སྲིད་དྲུང་ཆེ་ཨམྲིཏ་བྷ་དྷུར་རཡེ་དང་རྒྱ་ནག་གི་བལ་ཡུལ་དུ་བཅའ་སྡོད་གཞུང་ཚབ་པ་ཀྲང་མའོ་མིང་། (བལ་ཡུལ་ཕྱི་སྲིད་ལས་ཁུངས་དང་རྒྱ་ནག་གཞུང་ཚབ་ཁང་།)

Nepal News གསར་ཁང་གི་རྩོམ་སྒྲིག་པ་ཟུར་པ་བྷ་བྷུ་རམ་ ཝིཤ་ཝ་ཀརྨ་ལགས་ཀྱིས་གསུངས་དོན་དུ། བལ་ཡུལ་ནང་འཚོགས་རྒྱུའི་རྒྱལ་སྤྱིའོ་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཕྱི་འབྲེལ་གནོན་ཤུགས་འོག་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད། གང་ཡིན་ཟེར་ན་བལ་ཡུལ་ནང་ཡོད་པས་རྒྱ་ནག་གཞུང་ཚབ་པ་ཀྲང་མའོ་མིང་གིས་བལ་ཡུལ་ནང་གི་ཐོ་རིམ་དཔོན་རིགས་ཁག་ལ་ད་རེས་ཀྱི་འདུ་འཛོམས་དེའི་རྒྱུད་༧གོང་ས་མཆོག་དང་བོད་ཀྱི་གནད་དོན་དང་འབྲེལ་བའི་གཏམ་གླེང་བྱེད་སའི་སྡིངས་ཆ་ལྟ་བུ་བེད་སྤྱོད་བྱེད་སྲིད་པས། གནད་དོན་དེ་རིགས་མི་ཡོང་བའི་ཉེན་བརྡ་སྐྱར་ནན་བཏང་རྗེས་བལ་ཡུལ་སྤྱི་ཁྱབ་དྲུང་ཆེ་ཀར་ཀི་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་ལ་ཚོགས་འདུ་ཕྱིར་འཐེན་བྱ་རྒྱུའི་བཀའ་ཁྱབ་བཏང་ཡོད་པ་འདི་གར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བལ་ཡུལ་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ཀྲང་མའོ་མིང་(Zhang Maoming) བལ་ཡུལ་ཕྱི་སྲིད་དྲུང་ཆེ་(Amrit Bahadur Rai) དང་ཐུགས་འཕྲད་ཀྱིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་ཐོན་པའི་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཡིག་ཐོག་ནས་འབྲེལ་བ་ཐེངས་གསུམ་ཞུས་ཏེ་བལ་ཡུལ་ལ་གནོན་ཤུགས་སྤྲད་པའི་ཐད་ངོས་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་བལ་ཡུལ་གཞུང་གིས་བཀོད་ཁྱབ་བཏང་སྟེ་ཚོགས་འདུ་འདི་བཀག་འགོག་བྱས་པར་བསམ་ཚུལ་ཇི་ཡོད་བཀའ་དྲི་ཞུས་པར་ལན་འདེབས་གང་ཡང་བྱས་མ་བྱུང་།།

ཁ་སྣོན། ཿ ཚོགས་འདུ་འདི་དྲ་ཐོག་ནས་འཚོགས་རྒྱུ་ཡིན་པའི་སྐོར་ཁ་སྣོན་ཞུས་ཡོད། ༢༠༢༦།༠༨།༡༠

ཁ་སྣོན་གསར་འགོད། བཀྲ་དབང་།

བརྙན་པར་སྒྲིག་སྦྱོར་བ། པ་སངས་ཚེ་རིང་།

Схожие новости

#Наименование новостиТональностьИнформативностьДата публикации
1ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན།01011-08-2026
2བོད་མི་ཚོས་རྒྱ་གར་གྱི་རང་བཙན་དུས་ཆེན་ ༨༠ པ་སྲུང་བརྩི་ཞུས་པ།01015-08-2026
3བོད་མི་ ༥༠༠ ལྷག་གིས་ཅན་དྷི་གྷར་དུ་རྒྱ་ནག་ལ་ངོ་རྒོལ་གི་ལས་འགུལ་སྤེལ་བ།06.9410-08-2026
4འབྲས་ལྗོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་ས་གནས་ཡུལ་མིས་མཉམ་ཞུགས་གནང་པ། 01008-08-2026
5རྣ་ཐོས་ལར་ལོ་ ༦ རྗེས་ཚོང་ལམ་སྒོ་མོ་སླར་ཡང་ཕྱེ་འདུག01005-08-2026
6བོད་ནང་ས་ཡོམ་གྱི་ཉེན་ཁ་ཡོད་པའི་ས་ཚིཊ་སུ་ཆུ་མཛོད་འཛུཊ་སྐྲུན་ཐད་ཉེན་ཁ་ཡོད་པ་གསལ་སྟོན།01019-08-2026
7རྒྱ་ནག་གིས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཚུལ་བརྗོད་པར་རྒྱ་གར་གིས་རྒོལ་ལན་སློག་པ། 01013-08-2026
8རྒྱ་དཀར་ནག་གི་འབྲེལ་ལམ་དང་ས་མཚམས་ཀྱི་ཚོང་ལམ་རྙིང་པ།01007-08-2026
9ལུས་པོའི་སྟེང་བོད་དོན་ཚིག་བརྗོད་ཀྱི་ཁབ་གཙགས་བསྐྱོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སོང་།01014-08-2026
10བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི་རྒྱ་ནག་གི་དམག་དོན་ཁེ་ཕན་ཆེད་ཡིན་སྐོར་གསུངས།01016-08-2026

Классификация: Сибирь. Схожих патентов: 0. Схожих новостей: 10. Тональность: 0. Информативность: 10. Источник: www.rfa.org.