རྒྱ་གར་གྱི་ས་གནས་བཅུ་ལྷག་ནས་བོད་མི་ ༥༠༠ ལྷག་གིས་ཅན་དྷི་གྷར་དུ་རྒྱ་ནག་ལ་ངོ་རྒོལ་གི་ལས་འགུལ་སྤེལ་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།་
2026.08.10
རྒྱ་གར་གྱི་ས་གནས་བཅུ་ལྷག་ཏུ་བཅའ་སྡོད་བོད་མི་ ༥༠༠ ལྔ་བརྒྱ་ལྷག་རྒྱ་གར་གྱི་གྲོང་ཁྱེར་ཅན་དྷི་གྷར་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༠ ཉིན་རྒྱ་གར་ཅན་དྷི་གྷར་གྲོང་ཁྱེར་ནང་སྤོན་ཊ་ཆོལ་གསུམ་དང་པུར་ལྦ་ལ་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་དང་ས་གནས་བུད་མེད། ཅན་དྷི་གྷར་ས་གནས་གཞོན་ནུ་བཅས་ཀྱི་གོ་སྒྲིག་འོག ཧ་པར་པུར། རཇ་པུར། ར་ཡི་པུར། སིམ་ལ། བདེ་སྐྱིད་གླིང་། ས་ཏོན། བྷ་ལུ་ལྦ་ལ་བཅས་ཀྱི་ས་གནས་གཞོན་ལྷན་ཚོགས་མི་དང་། ལྡི་ལི་དང་། མ་ན་ལི། ཅོན་ཏ་ར། སྦིར་བཅས་ཀྱི་ས་གནས་བཅས་ནས་བོད་མི་གྲངས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་(Punjab university) པ་ན་ཇཱབ་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག
པུར་ལྦ་ལ་ས་གནས་གཞོན་ལྷན་ཚོགས་གཙོ་ཚེ་རིང་བསྟན་པ་ལགས་ཀྱིས། ད་ལྟ་ནི་བོད་མི་རྣམས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱབ་རྒྱུའི་དུས་ཚོད་ལ་བསླེབས་ཡོད་པས། བཙན་བྱོལ་བོད་མི་རྣམས་ལ་བརྡ་ལན་གཙོ་བོ་ནི། སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་མི་རིགས་གཞན་ལྟར་བསོད་ནམས་མེད་པས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དཀའ་ལས་བསྐྱོན་དགོས་པ་ནི་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞལ་ཆེམས་དང་ལས་འགུལ་དེའི་དགོས་དམིགས་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག་ལ། སྤོན་ཊ་ཆོལ་གསུམ་གྱི་ས་གནས་གཞོན་ལྷན་ཚོགས་གཙོ་ངག་དབང་དཔལ་འབྱོར་ལགས་ཀྱིས། ལས་འགུལ་དེའི་བརྒྱུད་བློ་དགའ་རང་བཙན་ལགས་སུ་རྗེས་དྲན་དང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པས། ཁྲིམས་དེ་བཞིན་གང་མགྱོགས་རྩིས་མེད་དུ་གཏོང་དགོས་ཞེས་དགོས་འདུན་བཏོན་གནང་གི་འདུག
ཕྱི་ཚེས་ ༡༠ ཆུ་ཚོད་ ༥ པར་ལས་འགུལ་བ་རྣམས་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག་ཅིང་སྐབས་དེར་མི་སུམ་བཅུ་ལྷག་གིས་སྐྲ་བཞར་གྱི་ལས་འགུལ་སྤེལ་ཡོད་པ་དེའི་ནང་རྒྱ་གར་བ་ཞིག་གིས་ཀྱང་སྐྲ་བཞར་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་གནང་འདུག
ཨོསི་ཊརེ་ལི་ཡར་རྒྱང་རྒྱུག་ནང་བོད་མིས་མཉམ་ཞུགས་གནང་པ། བོད་མིས་མཉམ་ཞུགས་གནང་སྟེ་རྒྱང་རྒྱུག་གི་ལས་འགུལ་བརྒྱུད་བོད་དོན་དྲིལ་བསྒྲགས་གནང་པ། ༢༠༢༦།༠༨།༡༠ (ATC) གཞན་ཡང་ཨོསི་ཊརེ་ལི་ཡ་ནང་ City2Surf ཞེས་ཨོསི་ཊརེ་ལི་ཡའི་སིཌ་ནེ་གྲོང་ཁྱེར་ནང་ལོ་ལྟར་ཐེངས་གཅིག་ཚུགས་བཞིན་པའི་སྤྱི་ལེ་བཅུ་བཞི་ཡི་རྒྱང་རྒྱུག་གི་འགྲན་བསྡུར་ཞེས། འཛམ་གླིང་གི་དགའ་སྤྲོའི་རྩེད་རྒྱུག་ཆེ་ཤོས་ཡིན་པར་ཡང་ངོས་འཛིན་གནང་གི་ཡོད་པ་དེའི་ནང་། ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་དང་ས་གནས་བོད་མི་མང་དག་ཅིག་གིས་མཉམ་ཞུགས་ཀྱིས་བོད་དོན་ཆེད་དུ་རྒྱང་རྒྱུག་གནང་འདུག ལས་འགུལ་དེའི་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོ་བོར་གྱུར་པའི་བོད་དོན་དྲིལ་བསྒྲགས་གནང་ཡོད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
| # | Наименование новости | Тональность | Информативность | Дата публикации |
|---|---|---|---|---|
| 1 | འབྲས་ལྗོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་ས་གནས་ཡུལ་མིས་མཉམ་ཞུགས་གནང་པ། | 0 | 10 | 08-08-2026 |
| 2 | རྒྱ་དཀར་ནག་གི་འབྲེལ་ལམ་དང་ས་མཚམས་ཀྱི་ཚོང་ལམ་རྙིང་པ། | 0 | 10 | 07-08-2026 |
| 3 | རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་འདས་གྲོངས་སོང་བ། | 0 | 10 | 12-08-2026 |
| 4 | རྒྱ་ནག་གིས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཚུལ་བརྗོད་པར་རྒྱ་གར་གིས་རྒོལ་ལན་སློག་པ། | 0 | 10 | 13-08-2026 |
| 5 | བོད་མི་ཚོས་རྒྱ་གར་གྱི་རང་བཙན་དུས་ཆེན་ ༨༠ པ་སྲུང་བརྩི་ཞུས་པ། | 0 | 10 | 15-08-2026 |
| 6 | བལ་ཡུལ་དུ་འཚོཊ་རྒྱུའི་བོད་རིག་པའི་རྒྱལ་སྤྱིའི་ཚོཊ་འདུ་དེ་དྲྭ་ཐོག་ཏུ་འཚོཊ་རྒྱུ་གནང་པ། | 0 | 10 | 06-08-2026 |
| 7 | ལུས་པོའི་སྟེང་བོད་དོན་ཚིག་བརྗོད་ཀྱི་ཁབ་གཙགས་བསྐྱོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སོང་། | 0 | 10 | 14-08-2026 |
| 8 | རྒྱལ་ཚོགས་ཀྱི་ཡ་ལན་མེད་པ་གསལ་སྟོན་ཆེད་ངག་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། | 0 | 10 | 06-08-2026 |
| 9 | ༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་། | 0 | 10 | 18-08-2026 |
| 10 | ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན། | 0 | 10 | 11-08-2026 |