Вход на сайт

Просмотр новости

Найдите то, что Вас интересует

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་འདས་གྲོངས་སོང་བ།

Дата публикации: 12-08-2026 13:35:39

ཀྲུའུ་རུང་ཅིའི་ཟླ་༨ཚེས་༡༢ཉིན་པེ་ཅིང་དུ་འདས་གྲོངས་སུ་སོང་བ།

Основное содержимое страницы с новостью.

Radio Free Asia Logo

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་འདས་གྲོངས་སོང་བ།རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅིའི་ལོ་ངོ་༩༨ཐོག་འདས་གྲོངས་སུ་སོང་བ་དང་བོད་ནང་འཛིན་པའི་སྲིད་བྱུས་དང་བོད་དོན་ཐོག་གྱི་ལྟ་བ།

གསར་འགོད་པ། སྒྲོལ་དཀར།

2026.08.12

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་ནད་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ནུས་པ་མ་ཐོན་པར། ཟླ་༨ ཚེས་༡༢ ཉིན་སྔ་དྲོའི་ཆུ་ཚོད་༡༡ དང་སྐར་མ་ ༦ གི་ཐོག་པེ་ཅིང་དུ་འདས་གྲོངས་སུ་ཕྱིན་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་ཡོད་ཅིང་། ཀྲུའུ་རུང་ཅི་ནི་སྐད་ཆ་ཐད་ཀར་བཤད་མཁན་ཞིག་དང་། རྒྱ་ནག་གི་ཁྲོམ་རའི་དཔལ་འབྱོར་བསྒྱུར་བཅོས་ལ་སྐུལ་དེད་ཆེན་པོ་བཏང་མཁན་གྱི་འགོ་ཁྲིད་གཙོ་བོ་ཞིག་ཡིན་པ་རོའི་ཊརསི་གསར་སྤེལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་བཀོད་འདུག

ཀྲུའུ་རུང་ཅི་དང་བོད།

ཀྲུའུ་རུང་ཅི་ཡིས་སྲིད་བློན་གྱི་ལས་འགན་འཁུར་བའི་དུས་ཡུན་ (༡༩༩༨ ལོ་ནས་ ༢༠༠༣ ལོ་བར།) འདིའི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་བོད་ནང་གི་དཔལ་འབྱོར་དང་རྨང་གཞིའི་འཛུགས་སྐྲུན་གྱི་ལས་ཀའི་ཁ་ཕྱོགས་ལ་འགྱུར་བ་ཕྱིན་པའི་དམིགས་བསལ་དུས་སྐབས་ཤིག་ཆགས་ཡོད།

༢༠༠༡ ལོར་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུའུ་རུང་ཅི་ཡིས་བོད་ཀྱི་དཔལ་འབྱོར་གང་མྱུར་གོང་འཕེལ་གཏོང་དགོས་པ་ནན་བརྗོད་བྱས་ཤིང་། བོད་ཀྱི་དཔལ་འབྱོར་གོང་འཕེལ་ལ་རྨང་གཞིའི་འཛུགས་སྐྲུན་ཡག་པོ་མེད་པར་བརྟེན་རི་ལིའི་ལྕགས་ལམ་དང་། གཞུང་ལམ། གནམ་ཐང་། གློག་ཤུགས། འཕྲིན་གཏོང་། ཆུ་བེད་སོགས་ཀྱི་ལས་གཞི་གང་མྱུར་སྐྲུན་དགོས་པ་བརྗོད་ཡོད།

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅིའི་ལོ་ངོ་༩༨ཐོག་འདས་གྲོངས་སུ་སོང་བ་དང་བོད་ནང་འཛིན་པའི་སྲིད་བྱུས་དང་བོད་དོན་ཐོག་གྱི་ལྟ་བ།རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་འདས་གྲོངས་སོང་བ། པེ་ཅིང་གི་ཚོང་ཁང་ཞིག་གི་སྟེང་ཟླ་ ༨ ཚེས་ ༡༢ ཉིན་ཀྲུའུ་རུང་ཅིའི་འདས་གྲོངས་སུ་སོང་བའི་གནས་ཚུལ་བཀོད་ཡོད་པ། (Maxim Shemetov/REUTERS)

དུས་ཡུན་འདིའི་ནང་བོད་ནང་གི་ལས་གཞི་ཆེ་ཤོས་ཤིག་ནི་གོར་མོ་ནས་ལྷ་ས་བར་གྱི་མདོ་དབུས་རི་ལིའི་ལྕགས་ལམ་འདི་ཡིན་པ་དང། ཀྲུའུ་ཡིས་གཙོ་འགན་ཁུར་བའི་འོག་རྒྱ་ནག་གཞུང་གིས་ནུབ་ཕྱོགས་གསར་སྤེལ་ལས་གཞི་འདི་ཡང་འགོ་བཙུགས་བྱས་ཡོད། འོན་ཀྱང་བོད་ཕྱི་ནང་གི་བོད་མི་དང་ཉམས་ཞིབ་པ་ཁག་གིས་རི་ལིའི་ལྕགས་ལམ་དེས་བོད་ནང་གི་མི་འབོར་དང་། གཏེར་ཁ་ལ་སོགས་པའི་རང་བྱུང་ཐོན་ཁུངས། ཁོར་ཡུག་དང་རིག་གཞུང་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་སེམས་འཚབ་བྱས་ཡོད་ལ། རི་ལིའི་ལྕགས་ལམ་འདི་དཔལ་འབྱོར་གཅིག་པུར་དམིགས་པ་ཞིག་མིན་པར། དམག་དོན་ཐབས་བྱུས་ཤིག་ཀྱང་ཡིན་པར་ངོས་འཛིན་བྱས་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། ཀྲུའུ་རུང་ཅི་ཡིས་རྒྱ་ནག་གི་སྲིད་བློན་གནང་པའི་སྐབས་ཀྱི་བོད་ཀྱི་སྲིད་བྱུས་ཐོག་གཟིགས་ན། ཁོང་གིས་དཔལ་འབྱོར་གྱི་ནུས་པའི་ཐོག་ནས་བོད་མིའི་ཆབ་སྲིད་ལ་སྟངས་འཛིན་བྱེད་རྒྱུ་འདི་གནད་འགག་ཡིན་པ་གཟིགས་ནས་ནུབ་ཕྱོགས་གསར་སྤེལ་ཆེན་མོའི་འཆར་གཞིའི་ནང་དུ་བོད་ཀྱི་ས་ཁུལ་དུ་དཔལ་འབྱོར་གྱི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུའི་ཐབས་ཤེས་བྱས་ཏེ། གང་ལྟར་བོད་ནང་བརྟན་ལྷིང་དང་རྒྱ་ནག་གཞུང་གི་ཐབས་བྱུས་ལ་བསྟུན་ཐུབ་པ་བཟོ་བར་བོད་མིར་དཔལ་འབྱོར་གྱི་ནུས་པ་བེད་སྤྱོད་བྱེད་དགོས་པ་བརྗོད་སྐོར་གསུངས་བྱུང་ལ། བོད་ཐོག་ལ་དཔལ་འབྱོར་གྱི་ནུས་པའི་ཐོག་ནས་ཆབ་སྲིད་ཐོག་སྟངས་འཛིན་གྱི་ནུས་པ་ཤུགས་ཆེ་རུ་གཏོང་མཁན་འདི་ཀྲུའུ་རུང་ཅི་ཡིན་པར་ངོས་འཛིན་གནང་གི་འདུག

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅིའི་ལོ་ངོ་༩༨ཐོག་འདས་གྲོངས་སུ་སོང་བ་དང་བོད་ནང་འཛིན་པའི་སྲིད་བྱུས་དང་བོད་དོན་ཐོག་གྱི་ལྟ་བ།རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅི་འདས་གྲོངས་སོང་བ། ༡༩༩༩ ལོའི་ཟླ་ ༤ ཚེས་ ༨ ཉིན་ཀྲུའུ་རུང་ཅི་ཨ་རིའི་ཕོ་བྲང་དཀར་པོར་སྐྱོད་སྐབས་བོད་མིས་ངོ་རྒོལ་བྱས་པ། (REUTERS)

ཡང་ཀྲུའུ་རུང་ཅི་ཡིས་རྒྱ་ནག་གི་སྲིད་བློན་བྱས་པའི་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐྱོད་སྐབས་བོད་མིའི་ངོ་རྒོལ་གྱི་སྐད་སྒྲ་འདི་གང་སར་ཐོས་རྒྱུ་ཡོད་པ་དང་། ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྲུའུ་ཡི་འཚམས་འདྲིའི་གནས་ཚུལ་དང་མཉམ་དུ་བོད་མིའི་ངོ་རྒོལ་གྱི་གནས་ཚུལ་ཁག་སྤེལ་བཞིན་ཡོད་པར་ཀྲུའུ་རུང་ཅི་ཡིས་དོ་སྣང་གིས་བོད་དོན་སྐོར་ལངས་ཕྱོགས་གསལ་བཤད་བྱས་མྱོང་ཡོད་པ་དང་། ༡༩༩༩ ལོར་ཁེ་ན་ཌར་འཚམས་འདྲིར་སྐྱོད་སྐབས་བོད་པ་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གྱི་ལས་འགུལ་བར། ཀྲུའུ་ཡིས་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱི་མི་སྣས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་དང་འབྲེལ་འདྲིས་མང་ཙམ་བྱ་དགོས་པ་དང་། མི་དེ་ཚོ་བོད་དུ་དངོས་སུ་སྐྱོད་ནས་ལྟ་སྐོར་བྱེད་པར་དགའ་བསུ་ཡོད་པ་ཡང་བརྗོད་མྱོང་ཡོད།

ཡང་ ༢༠༠༡ ལོར་ཨཡེར་ལན་ཌིའི་སྲིད་འཛིན་མེ་རི་ མེག་ཨ་ལིསི་(Mary McAleese) དང་མཇའ་འཕྲད་སྐབས་ཀྱི་གནས་ཚུལ་ཀྲུའུ་ཡིས་རྗེས་དྲན་བྱས་ཤིང་། ༢༠༠༡ ལོར་རྒྱ་ནག་གི་ནན་ཅིང་དུ་ཚོགས་པའི་འཛམ་གླིང་གི་རྒྱ་མི་རིགས་ཀྱི་ཚོང་པའི་ཚོགས་ཆེན་ཐོག་ཨཡེར་ལན་ཌི་ལ་སྐྱོད་སྐབས་དཔོན་རིགས་དང་མང་ཚོགས་དཀྱུས་མ་ཚོས་ང་ཚོར་མཛའ་བརྩེའི་རྣམ་འགྱུར་སྟོན་གྱི་ཡོད་པ་འགྲེལ་བརྗོད་བྱས་པ་དང་། ཡང་གསར་འགྱུར་བརྒྱུད་ལམ་གྱིས་ང་ཚོར་མཛའ་བརྩེའི་རྣམ་འགྱུར་རྩ་བ་ནས་སྟོན་གྱི་མི་འདུག ང་རང་འཚམས་འདྲིར་སྐྱོད་པའི་རིང་ངས་ཁོང་ཚོའི་བརྙན་འཕྲིན་དང་ཚགས་པར་ལ་བལྟས་པ་ཡིན། པར་རིས་ཆེ་ཤོས་འདི་བོད་རང་བཙན་དང་ཆོས་འཁོར་སྒོམ་སྒྲུབ་ཀྱིས་ངོ་རྒོལ་བྱས་པ་བཀོད་ནས་ང་དང་སྲིད་འཛིན་མཇལ་འཕྲད་ཀྱི་པར་རིས་ཚགས་པར་གྱི་འོག་འདིར་ཆུང་ཆུང་ཞིག་ལས་མི་འདུག་ཅེས་བརྗོད་ཡོད་འདུག ཀྲུའུ་རུང་ཅི་ཡིས་ཨཡེར་ལན་ཌི་ཡི་སྲིད་འཛིན་དང་གླེང་མོལ་ཆུ་ཚོད་གཅིག་ལྷག་ཙམ་བྱས་པའི་ནང་སྐར་མ་ལྔ་བཅུ་ཙམ་ཞིག་བོད་དོན་སྐོར་གླེང་པ་བརྗོད་པ་དང་། བྱང་ཨཡེར་ལན་ཌི་ལ་སྐྱེས་པའི་སྲིད་འཛིན་ཁོང་དང་༧གོང་ས་མཆོག་མཇལ་འཕྲད་ཞུ་མྱོང་འདུག་པས། བོད་ཀྱི་གནད་དོན་ཐོག་དོ་སྣང་ཆེན་པོ་འདུག་པས། ངས་བོད་འདི་དེ་སྔ་ཞིང་བྲན་གྱི་སྤྱི་ཚོགས་ཤིག་རེད་ཅེས་སོགས་བརྗོད་མྱོང་ཡོད་པ་འགྲེལ་བརྗོད་བྱས་འདུག

མདོར་ན་ཀྲུའུ་རུང་ཅི་ཡིས་རྒྱ་ནག་གི་སྲིད་བློན་བྱས་རིང་བྱང་ཨ་རི་དང་ཡོ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚམས་འདྲིར་སྐྱོད་སྐབས་གང་སར་བོད་དོན་ལས་འགུལ་སྤེལ་མཁན་ཡོད་པ་འདིས་ཁོང་ལ་བག་ཆགས་གཟབ་པོ་བྱུང་ཡོད་འདུག

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རུང་ཅིའི་ལོ་ངོ་༩༨ཐོག་འདས་གྲོངས་སུ་སོང་བ་དང་བོད་ནང་འཛིན་པའི་སྲིད་བྱུས་དང་བོད་དོན་ཐོག་གྱི་ལྟ་བ།ངོ་རྒོལ་བ་ཚོས་རྒྱ་ནག་དམར་ཤོག་ལ་དགའ་ཞེན་བྱེད་མཁན་ལ་རྒོལ་ལེན་སློག་པ། ༡༩༩༩ ལོར་ཟླ་ ༤ ཚེས་ ༡༤ ཉིན་ཀྲུའུ་རུང་ཅི་ཁེ་ཎ་ཌར་འཚམས་འདྲིར་སྐྱོད་སྐབས་བོད་མིས་ངོ་རྒོལ་བྱས་པ། (REUTERS)

ཀྲུའུ་རུང་ཅི་ཡི་མི་ཚེ།

༡༩༢༨ ལོར་སྐྱེས་པའི་ཀྲུའུ་རུང་ཅི་ཡིས་ ༡༩༩༡ ལོ་ནས་རྒྱ་ནག་དབུས་གཞུང་ནང་གལ་ཆེའི་ལས་འགན་ཁུར་རྒྱུ་འགོ་བཙུགས་ཤིང་། ༡༩༩༨ ལོ་ནས་ ༢༠༠༣ ལོ་བར་སྲིད་བློན་གྱི་ལས་འགན་ཁུར་ཡོད་པ་དང་། ལས་ཡུན་དེའི་རིང་རྒྱལ་གཉེར་ཁེ་ལས་ཁག་ལ་བསྒྱུར་བཅོས་དང་། དངུལ་ཁང་དང་ཁྲལ་འབབ་ལམ་ལུགས་ལ་བསྒྱུར་བཅོས། སྡོད་ཁང་སྒེར་གྱིས་ཉོ་ཚོང་བྱེད་པའི་ལམ་ལུགས་སྤེལ་བ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

ལྷག་པར་དུ་སྲིད་བློན་གྱི་ལས་ཡུན་རིང་རྒྱ་ནག་འཛམ་གླིང་གི་ཚོང་དོན་སྒྲིག་འཛུགས་ WTO ནང་ཞུགས་རྒྱུའི་གྲོས་མོལ་ལ་ཤུགས་གནོན་བརྒྱབ་ཡོད།

ཀྲུའུ་རུང་ཅིའི་རྗེས་ཤུལ་དུ་སྐུ་ཟླ་ལའོ་ཨན་དང་བུ་ཀྲུའུ་ཡུན་ལཡེ།བུ་མོ་ཀྲུའུ་གཡན་ལཡེ་བཅས་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

Схожие новости

#Наименование новостиТональностьИнформативностьДата публикации
1༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་ཁྲི་འདོན་གནང་།01018-08-2026
2བོད་མི་ ༥༠༠ ལྷག་གིས་ཅན་དྷི་གྷར་དུ་རྒྱ་ནག་ལ་ངོ་རྒོལ་གི་ལས་འགུལ་སྤེལ་བ།06.9410-08-2026
3འབྲས་ལྗོངས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་ས་གནས་ཡུལ་མིས་མཉམ་ཞུགས་གནང་པ། 01008-08-2026
4བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི་རྒྱ་ནག་གི་དམག་དོན་ཁེ་ཕན་ཆེད་ཡིན་སྐོར་གསུངས།01016-08-2026
5བློ་དགའ་རང་བཙན་ལཊ་དང་འབྲེལ་ནས་ཨ་རིའི་བོད་དོན་ཆེད་དམིཊ་བསལ་འབྲེལ་མཐུད་པར་མཇལ་ཕྲད་ཞུས།01020-08-2026
6བོད་མི་ཚོས་རྒྱ་གར་གྱི་རང་བཙན་དུས་ཆེན་ ༨༠ པ་སྲུང་བརྩི་ཞུས་པ།01015-08-2026
7རྒྱ་ནག་གིས་ཨ་རུ་ན་ཅལ་ཐོག་བདག་དབང་ཡོད་ཚུལ་བརྗོད་པར་རྒྱ་གར་གིས་རྒོལ་ལན་སློག་པ། 01013-08-2026
8བཞོན་སྐྱོད་གཅིག་དང་། འབོད་སྒྲ་གཅིག བོད་གཅིག་ཅེས་ལ་དྭཊ་སུ་འཕྲུལ་རྟ་སྐོར་སྐྱོད་གནང་པ།01005-08-2026
9བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་གྱི་གཞུང་འབྲེལ་མཆོད་འབུལ་དང་ཞི་བའི་གོམ་བགྲོད།01020-08-2026
10ལུས་པོའི་སྟེང་བོད་དོན་ཚིག་བརྗོད་ཀྱི་ཁབ་གཙགས་བསྐྱོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སོང་།01014-08-2026

Классификация: . Схожих патентов: 0. Схожих новостей: 10. Тональность: 0. Информативность: 10. Источник: www.rfa.org.