Вход на сайт

Просмотр новости

Найдите то, что Вас интересует

བོད་ཀྱི་ཟློས་གར་ཚོགས་པས་དབྱར་སྐྱིད་རྐང་བྲོ་གླུ་གར་གྱི་འགྲན་བསྡུར་གནང་པ།

Дата публикации: 11-08-2026 23:57:42

རྒན་རབས་རྫོགས་ལ་ཉེ་བ་དེས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་འཚོལ་སྒྲུབ་ཐུབ་དཀའ་བར་གྱུར་ཡོད་པ་གསུང་གི་འདུག


Основное содержимое страницы с новостью.

Radio Free Asia Logo

བོད་ཀྱི་ཟློས་གར་ཚོགས་པས་དབྱར་སྐྱིད་རྐང་བྲོ་གླུ་གར་གྱི་འགྲན་བསྡུར་གནང་པ།རྒན་རབས་རྫོགས་ལ་ཉེ་བ་དེས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་འཚོལ་སྒྲུབ་ཐུབ་དཀའ་བར་གྱུར་ཡོད་པ་གསུང་གི་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

2026.08.11

བོད་ཀྱི་ཟློས་གར་ཚོགས་པས་དབྱར་སྐྱིད་རྐང་བྲོ་གླུ་གར་གྱི་འགྲན་བསྡུར་གནང་པ་བརྒྱུད་རྒན་རབས་རྫོགས་འགྲོ་བའི་དུས་སུ་བོད་ཀྱི་སྲོལ་རྒྱུན་གླུ་གཞས་བདག་གཅེས་གནང་ཐབས་གནང་བཞིན་པ།

བཞུགས་སྒར་དུ་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ལོ་ངོ་ ༦༧ འཁོར་བའི་དགའ་སྟོན་དང་བསྟུན། ལོ་འཆར་ཅན་དུ་གནང་སྲོལ་ཡོད་པའི་དབྱར་སྐྱིད་ཅེས་ཟློས་གར་ནང་ཁུལ་གྱི་རྒྱ་ལུ་དང་རྔོན་པའི་རུ་ཁག་ཕན་ཚུན་དབར། རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སོང་བའི་སྐབས་འདིར། རུ་ཁག་གི་རུ་དཔོན་རྣམ་པས་མི་རབས་རྒན་པ་མང་དག་ཅིག་དགོངས་པ་རྫོཊ་བཞིན་པའི་སྐབས་འདིར་སྲོལ་རྒྱུན་གླུ་གཞས་རྣམས་འཁྲབ་སྟོན་དང་སྦྱོང་བརྡར་ཐུབ་རྒྱུ་ཆེས་དཀའ་ཚེགས་ཆེ་རུ་གྱུར་ཡོད་པ་འགྲེལ་བརྗོད་གནང་གི་འདུག

༢༠༢༦ ལོའི་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་འགྲན་བསྡུར་སྐབས་མཉམ་གཞས་འབུལ་བཞིན་པ། ༢༠༢༦།༠༨།༡༡བོད་ཀྱི་ཟློས་གར་ཚོགས་པའི་ ༢༠༢༦ ལོའི་དབྱར་སྐྱིད་འགྲན་བསྡུར་སྐབས། ༢༠༢༦ ལོའི་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་འགྲན་བསྡུར་སྐབས་མཉམ་གཞས་འབུལ་བཞིན་པ། ༢༠༢༦།༠༨།༡༡ (RFA Tibetan)

དེ་ཡང་རྒྱ་ལུ་རུ་ཁག་གི་བསྟན་འཛིན་ཉི་མ་ལགས་ཀྱིས། བཙན་བྱོལ་ནང་མི་རབས་རྒན་པ་ཉུང་དུ་འགྲོ་བཞིན་པར་བརྟེན། གཞས་ཀྱང་རགས་ཁག་པོ་འདུག་པས། འགྲན་བསྡུར་འདིའི་ཆེད་གཙོ་བོ་སྤྱི་ཚོགས་དྲྭ་ལམ་བརྒྱུད་གླུ་གཞས་འཚོལ་སྒྲུབ་བྱས་ཡོད་ཅེས་གསུངས་པ་དང་སྦྲགས། ཐེངས་འདིར་ཁོང་རྣམས་ཀྱིས་འཁྲབ་སྟོན་བྱས་པའི་གཞས་དེ་ཡང་མི་མང་དག་ཅིག་གིས་སྤི་ཏིའི་གཞས་རེད་ཟེར་མཁན་མང་ཡང་། དེ་ནི་བོད་མངའ་རིས་ཀྱི་གཞས་ཡིན་པ་ཤེས་རྟོགས་བྱུང་ཡོད་ཅེས་གསུང་གི་འདུག

མ་ཟད་རྔོན་པའི་རུ་ཁག་གི་རུ་དཔོན་བསྟན་འཛིན་ཉི་མ་ལགས་ཀྱིས། དཀའ་ལས་ད་ལྟ་ཙམ་མིན་པར་ལོ་བཞི་ཙམ་གོང་ནས་མི་རབས་རྒན་པ་ག་ལེར་རྫོགས་འགྲོ་དུས་ང་ཚོར་གཞས་རགས་རྒྱུར་དཀའ་ཁག་ཆེ་རུ་འགྲོ་ཡི་ཡོད་པས། དེ་སྔ་ཡིན་ན་མི་རབས་རྒན་པ་རྣམས་ཀྱི་སར་ནས་ཐད་ཀར་སྦྱོང་བརྡར་ཐུབ་ཀྱང་། ད་ཆ་སྤྱི་ཚོགས་དྲྭ་ལམ་ནི་ང་ཚོར་བོད་ཀྱི་སྲོལ་རྒྱུན་གཞས་དང་དམངས་གཞས་འཚོལ་རྙེད་བྱེད་ཡུལ་གྱི་ཐབས་ཤེས་ཁོ་ན་དེ་རེད་ཅེས་གསུངས་བྱུང་།

༢༠༢༦ ལོའི་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་འགྲན་བསྡུར་སྐབས། ༢༠༢༦།༠༨།༡༡༢༠༢༦ ལོའི་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་འགྲན་བསྡུར་སྐབས། ༢༠༢༦ ལོའི་བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་འགྲན་བསྡུར་སྐབས། ༢༠༢༦།༠༨།༡༡ (RFA Tibetan)

གཞན་ཡང་ཐེངས་འདིའི་དབྱར་སྐྱིད་ཀྱི་རྐང་བྲོ་གླུ་གར་གྱི་འགྲན་བསྡུར་འདིའི་ཁྲོད། རུ་ཁག་གཉིས་ཀས་གནའ་བོའི་སྲོལ་རྒྱུན་གྱི་གར་གླུ་གཙོར་དམིགས་ཀྱིས། ལོ་ངོ་མང་པོའི་རྗེས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་སླད་འཁྲབ་སྟོན་གནང་སོང་ལ། གར་གླུ་ནི་རྩ་བའི་དེ་སྔ་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་བརྙེས་པའི་སྐབས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཐུགས་འཁུར་ཆེ་བཞེས་ཀྱིས་ལ་དྭགས་ནས་གར་དང་རོལ་མོར་མཁས་པའི་མི་སྣ་བཀའ་སྒུག་གནང་མཐར། གར་གླུ་རིགས་མི་འདྲ་བ་ ༨༠ ཙམ་གྱི་གཞས་ཚིག་དང་རོལ་མོའི་དབྱངས་གསར་རྩོམ་སོགས་མགར་གླུའི་གཞུང་བརྩམས་ཡོད་འདུག་ལ། གར་གླུ་དེ་ཡང་༧རྒྱལ་དབང་མཆོག་ཕེབས་བསུའི་སྐབས་འཁྲབ་སྟོན་གནང་པ་ལས་སྤྱིར་བཏང་གི་གནས་སྟངས་སྐབས་གང་བྱུང་འཁྲབ་སྲོལ་མེད་པ་རེད་འདུག

དེ་ཡང་རྒྱ་ལུ་རུ་ཁག་བསྟན་འཛིན་ཉི་མ་ལགས་ཀྱིས། སྤྱིར་མི་ཞིག་གླུ་ལེན་དུས་སྐད་གདངས་ཡག་པོ་ཡོད་ཀྱང་། གར་གླུ་ཡག་པོ་ལེན་ཐུབ་པའི་ངེས་པ་མེད་པ་འཁྲབ་སྟོན་འདིའི་བརྒྱུད་ཤེས་རྟོགས་ཐུབ་པ་བྱུང་ཞིང་། བཙན་བྱོལ་གྱི་སློབ་གྲྭ་ཁག་གི་ནང་དགེ་རྒན་རྣམ་པས་རོལ་ཆ་ཙམ་མ་ཡིན་པར་ལྷ་མོ་དང་གར་གླུ་མང་ཙམ་སློབ་འཁྲིད་བྱ་དགོས་ཞེས་གསུང་གི་འདུག་ལ། རྔོན་པའི་རུ་ཁག་གི་རུ་དཔོན་བསྟན་འཛིན་ཉི་མ་ལགས་ཀྱིས། གར་གླུ་ནི་སྲོལ་རྒྱུན་གྱི་རིག་གཞུང་གལ་ཆེ་ཤོས་ཡིན་པས་ལོ་མང་པོའི་རྗེས་ལ་སླར་ཡང་འཁྲབ་སྟོན་བྱས་པ་ནི། བོད་པའི་གཞོན་སྐྱེས་ཚོའི་ཁྲོད་ནང་མ་བསྟོད་གཞས་དང་གར་གླུ་གཉིས་གཅིག་མཚུངས་རེད་དྲན་མཁན་ཡོད་པར་བརྟེན། གར་གླུ་ནི་ཐ་དད་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པའི་གོ་བ་སྤྲོད་ཆེད་རེད་ཅེས་གསུང་གི་འདུག

དབྱར་སྐྱིད་འགྲན་བསྡུར་ཁྲོད་དེ་སྔ་ཡིན་ན་རུ་ཁག་རེས་རྐྱང་གཞས་དང་མཉམ་གཞས། འཁྲབ་གཞས། གཏམ་བརྗོད་ཅེས་འགྲན་བསྡུར་གནང་སྲོལ་འདུག་ཀྱང་། ཐེངས་འདིར་རྐྱང་གཞས་ཀྱི་ཚབ་ཏུ་གར་གླུ་འགྲན་བསྡུར་གནང་སོང་ལ་གཏམ་བརྗོད་འཁྲབ་སྟོན་གནང་མ་སོང་། རྐང་བྲོ་གླུ་གར་གྱི་འགྲན་བསྡུར་ཁྲོད་རྒྱལ་གླུ་རུ་ཁག་ལ་རྒྱལ་ཁབ་ཐོབ་སོང་།།

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།

Схожие новости

#Наименование новостиТональностьИнформативностьДата публикации
1ཨ་མ་དང་། བོུ། ཚ་མོ་བཅས་གསུམ་གྱིས་བོད་ཀྱི་སྐད་ཡིག་ཆེད་གོམ་བགྲོད་ནང་མཉམ་ཞུཊ་གནང་པ།01016-08-2026
2ལུས་པོའི་སྟེང་བོད་དོན་ཚིག་བརྗོད་ཀྱི་ཁབ་གཙགས་བསྐྱོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སོང་།01014-08-2026
3རྣ་ཐོས་ལར་ལོ་ ༦ རྗེས་ཚོང་ལམ་སྒོ་མོ་སླར་ཡང་ཕྱེ་འདུག01005-08-2026
4ཀ་ལོན་སྦུག་ཏུ་ཡུལ་མི་ཞིག་གིས་ས་གནས་གཞོན་ནུའི་ནང་འགན་འཁུར་བཞེས་ཏེ་དོ་འཁུར་གནང་བཞིན་པ།01014-08-2026
5ཉེན་རྟོག་པའི་ལྟ་ཞིབ་འོག་གི་རྟ་རྒྱུག་དུས་ཆེན།01011-08-2026
6བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་གྱི་གཞུང་འབྲེལ་མཆོད་འབུལ་དང་ཞི་བའི་གོམ་བགྲོད།01020-08-2026
7བོད་ནང་འཛུཊ་སྐྲུན་བསྟུད་མར་བྱེད་བཞིན་པ་ནི་རྒྱ་ནག་གི་དམག་དོན་ཁེ་ཕན་ཆེད་ཡིན་སྐོར་གསུངས།01016-08-2026
8བོད་ནང་ས་ཡོམ་གྱི་ཉེན་ཁ་ཡོད་པའི་ས་ཚིཊ་སུ་ཆུ་མཛོད་འཛུཊ་སྐྲུན་ཐད་ཉེན་ཁ་ཡོད་པ་གསལ་སྟོན།01019-08-2026
9ལ་དྭགས་སུ་སངས་རྒྱས་སྟོང་སྐུ་དང་དྭང་ཞབས་པ་འདས་པོའི་དྲན་རྟེན་གྱི་མཆོད་རྟེན་ལ་རབ་གནས།01009-08-2026
10བླ་རུང་སྒར་གྱི་གྲ་ཤག་མུ་མཐུད་གཏོར་ནས་དགེ་འདུན་པ་གཅིག་གར་སོང་ཆ་མེད་དུ་གྱུར་པ། 01013-08-2026

Классификация: Наука. Схожих патентов: 0. Схожих новостей: 10. Тональность: 0. Информативность: 10. Источник: www.rfa.org.